ཁ་བའི་མེ་ཏོག
• མྱིང་མེད།
དེ་དུས
ཁ་བ་བབས་ཀྱང
གྲང་བའི་ཚོར་བ་ཞིག་ཡེ་ནས་མེད
ཁ་བ་བབས་པའི་ལུང་བ་དེ་ནས
ཁེར་རྐྱང་གི་སྣང་བ་ཞིག་ཡོད་མ་མྱོང
དེ་དུས།
ལྷས་མཐའ་ནས
གྲང་རླུང་དང་མཉམ་དུ་བཟུ་མྱོང་ལ
ཁ་བ་དང་མཉམ་དུ་ཀི་ཡང་བྱས་མྱོང
མ་ཟད ཁ་བ་ལ་སྙན་ངག་བྲིས
མ་ཟད དཀར་བོ་ལ་སེམས་པ་གཏད
མ་ཟད གྲང་རླུང་ལ་དམ་བཅའ་བཞག
ཀྱེ ངའི་ཁ་བ ཁ་བའི་ང
མདོར་ན
ཁྱེད་ནི་དྲི་མེད་ཀྱི་ཁ་བ་དེ
ང་ནི་ཁྱེད་ལ་འཁོར་བའི་རླུང་བུའོ།།