༄།།གྲོགས་པོ། འགྱུར་མེད་ཀྱི་གྲོགས་པོ་ནི་ང་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་ཡིན་མོད། འོན་ཀྱང་རང་དགའ་བའི་དུས་སུ་ཡོད་པ་དང་། རང་ཉིད་སྡུག་བའི་དུས་སུ་མེད་པ་དེ་ལ་གྲོགས་པོ་མིན་ཟེར། གྲོགས་པོ་ཟེར་བ་ནི། སྐྱིད་སྡུག་གཉིས་ཀྱི་དུས་སུ་ཡོད་པ་དེ་ལ་ད་བཟོད་གྲོགས་པོ་ཞེས་བརྗོད་ཀྱང་ཆོག དེ་རིང་ཡོད་ཀྱང་སང་ཉིན་མེད་པ་དེ་ལ་གྲོགས་པོ་ཟེར་མི་རུང་། གྲོགས་པོ་ལ་བཟང་ངན་མང་པོ་ཞིག་ཡོད་ཀྱང་ལ་ལའི་རང་ཉིད་ཁོ་ན་མ་གཏོགས་མི་བསམ། ལ་ལའི་ཁྱེད་ཉིད་ལ་ནུས་པ་ཡོད་ཚད་ཀྱི་རྒྱབ་སྐྱོར་བྱེད་མོད། གལ་ཏེ་རང་ཉིད་དཀའ་ཁག་ཞིག་ལ་འཕྲད་དུས། གྲོགས་པོའི་རང་གཤིས་ད་བཟོད་གསལ་བོར་མངོན་ཐུབ།།
图片发自简书App