སེམས་པུ་ ངེད་གཉིས་ཡོད་ཚད།

                                       དམར་ཁ་ཚ།

   ངའི་སེམས་ཤེས་པ་ནས་བཟུང་ང་ཨ་མ་ལ་དགའ་ཞིང་ཨ་མ་ཞིག་བྱེད་རྒྱུ་ལ་ཡང་དགའ་བོ་ཆེན་པོ་ཡོད།ཨ་མའི་བྱམས་བརྩེ་གཏིང་ཟབ་ཅིང་ཨ་མའི་ལྷག་བསམ་མཐའ་དཔོག་དཀའ་བ།ཨ་མའི་འགན་འཁྲི་ལ་སོགས་ཐེག་དཀའ་བ་ཞིག་ཡིན་是པ་ཤེས་མོད་ཀྱང་།ཨ་མ་བྱེད་རྒྱུར་མོས་པ་མ་ཟད་རླབ་ཆེན་ཞིག་གམ་ཚད་ལྡན་ཞིག་བྱེད་རྒྱུའི་འདུན་པ་ཡང་དྲགས་ཏུ་འཕྱོ་མྱོང་ལ། ཁྱེའུའི་སློབ་གསོ་དང་ཕྲུ་གུའི་སློབ་གསོ་སོགས་གཙོ་བོ་དྲ་ལམ་ཁག་དང་དཔེ་ཆ་རེ་གཉིས་ལ་ཆེད་དུ་བལྟས་ནས་དེའི་ཤེས་བྱ་སྐོར་གསོག་འཇོག་བྱེད་པར་འབད་བརྩོན་བྱེད་མྱོང་། ཡིན་ནའང་ལས་དབང་དང་ཐོད་པའི་ཁ་ཡིག་ཕྲ་མོ་ལས་ངེད་མ་བུ་གཉིས་ཀ་འདི་འདྲའི་གློ་བུར་བའི་གནས་ཚུལ་འོག་ནས་ཤ་ཁྲག་ཟུངས་གསུམ་ཅིག་ཅར་ཏུ་འདྲེས་འགྲོ་བར་བསམ་མ་ཐུབ་པ་ལ།དེ་སྔོན་ཡང་མ་འོངས་པ་ཞིག་ལ་ཞེས་ཁོག་ན་གྲ་སྒྲིག་གམ་འཆར་གཞི་ཏོག་ཙམ་ཡོད་པ་ལས་གཞན་པ་མ་ཡོད་པ་གཞིར་བཞག་སློབ་ཆེན་ནས་མཐར་ཕྱིན་མེད་པ་དང་།ཕ་མ་དང་ཕུ་ནུ་མིང་སྲིང་ཚོས་དཀའ་བའི་ཚེགས་དང་དཀོན་མོའི་རྒྱུ་ལ་སོགས་པས་ང་ལ་རམ་འདེགས་བྱས་མཐར་དང་སྤྱི་ཚོགས་དང་མི་ཁ་བསམ་ན་ང་ལ་གནོན་ཤུགས་རབ་དང་རིམ་པ་སྟེར་བ་མ་ཟད།ཉིན་ཞག་རེ་རེའི་ཁུར་བོ་བཞིན་ཇེ་ལྕི་ནས་ཇེ་ལྕི་ཡིན་པའི་ཚོར་བས་གཙེས་ནས་ཆུ་ཚོད་སྐར་མ་རེ་རེའི་ནང་དུ་ངའི་ཀླད་པའི་འཁོར་སྐྱོད་ཁྲོད་དུ་དྲན་མི་རུང་བ་྄དག་དྲན་ཡོང་ལ་བསམ་མི་ཆོག་པ་ཡང་གང་མང་བསམ་ཡོང་། ཡིན་ཡང་ལས་དབང་གི་དར་སྐུད་བདུད་པ་ཕྲ་མོ་ཞིག་ལ་གཏན་དུ་དཀྲོལ་རྒྱུ་མེད་པར་ཁྱོད་འུ་གཉིས་འཇིག་རྟེན་དཀར་འོག་འདི་ནས་ཚེ་གཅིག་གི་མ་བུ་ཡིན་པ་འདི་ལ་བཟློག་ཏུ་ཡེ་ནས་མེད་པ་སྙིང་དམར་པོའི་འཕར་ལྡིང་ཁྲོད་ན་གསལ་ལེར་འཆར་འདུག

          སྙིང་གི་བུ་༼བུ་མོ༽ཨ་མའི་སྲོག  ཟླ་དུ་མའི་སེམས་ཁུར་དང་ཞག་མང་པོའི་གཉིད་ཆག་བྱས་ནས་ངའི་ལྟོ་བ་ཇེ་འབུར་ཡིན་ལ་ཁྱོའི་ཕྲ་ཕུང་ཇེ་ཆེར་སོང་ན་ཡང་།ཁྱེད་ཀྱི་སྐུ་ཤ་རྒྱགས་པའི་ཡུམ་ཆེན་ལ་ཉིན་རེ་རེར་ཇེ་ཡང་ནས་ཇེ་ཡང་དུ་སོང་བའི་གནས་ཚུལ་ཞིག་ཀྱང་ཡོད་མྱོང་།ཡིན་ནའང་སྐྱོན་མི་འདུག ཁྱེད་ཀྱི་ཨ་ཕའི་དཀོན་མཆོག་གསུམ་དང་དགོན་ཁག་དུ་མར་སྐྱབས་བཅོལ་མང་པོ་བྱས་ཡོད་པ་མ་ཟད་ཁྱོད་ཟླ་བ་གཉིས་ལའང་མ་ལོན་པའི་གོང་དུ་སྐྱབས་བཅོལ་དཀའ་བསྒོའི་བྱེད་སའི་བླ་མའི་ལག་ནས་བདུད་པ་དང་བསྡིག་ཤུགས་སྔགས་ཆུ་སོགས་བླང་ནས་ཉར་ཚགས་བྱས་ཡོད་པ་དང་།ཁྱོའི་ཨ་མའི་གྲོགས་མོ་ཞིག་སྟེ་རྗེས་ཕྱོགས་ཁྱོས་ཀྱང་ཤེས་སྲིད་པའམ་ཤེས་དགོས་པ་རིག་བྱེད་འཚོ་ཟེར་བ་མོས་གློ་སྙིང་བྲང་གསུམ་ང་ལ་གཏད་ནས་སློབ་གསོའམ་ཁ་བརྡ་བགྲང་ལས་འདས་པ་བྱས་པ་དང་བསྟུན་ནས།ཁྱེད་ཀྱི་འཚར་ལོངས་ཀྱི་སྟངས་སྟབས་དག་སྙིང་གི་ཟབ་སར་ཉིན་རེ་ནས་ཉིན་རེར་དམ་དུ་ཟུག་སོང་བས་ང་ལ་སེམས་ཁུར་དང་ཉེས་སྙོམས་གང་ཡང་མེད་པར་ངའི་ཁོག་གི་སྙིང་དང་ཁྱོད་གཉིས་ལ་ལྟོ་བའི་ཡན་མན་ཞིག་ཁྱད་པ་ཙམ་ལས་གཞན་ནི་ཁྱད་པར་གང་ཡང་མེད་པར་གཉིས་སུ་མེད།

          སེམས་པུ་ ངེད་གཉིས་ཡོད་ཚད། ཁྱེད་ཀྱི་ཨ་ཕ་ཡོང་ཐེངས་རེ་རེར་ཁྱོད་ཡོད་སའི་ངའི་ལྟོ་བའི་ཐད་ནས་ང་ཐོན་ཡོད་ཕ་ཁོ་ཟེར་ཞོར་དགོད་སྒྲ་དང་འཛུམ་མདངས་འདྲེས་མའི་ཁྲོད་འོ་རེ་བྱས་པ་གོ་ཡོད་དམ།འགྲོ་ཁ་ཡང་ངའི་ལྟོ་བ་ལ་བྱིལ་བྱིལ་བྱེད་ཞོར་ཁ་ལག་སྐྱེ་འབྲས་ཡག་དགོས་ ནད་མེད་ཚེ་རིང་ཡིན་དགོས་སོགས་སྐད་ཆ་གང་མང་ཞིག་བཤད་ནས་འོ་འཇམ་ཞིག་གིས་བདེ་མོ་བཞག་པ་ཚོར་ཡོད་དམ་ཨ་མའི་གཅེས་ལོ་༼གཅེས་ལོ་མ༽།

                 

                                         ཁྱེད་ཀྱི་ཨ་མ་ནས།      

                                         ༢༠༡༦/༡༡/༢༡                                                        

                                         མཚན་མོ༠༢:༠༠ལ།

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 218,451评论 6 506
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 93,172评论 3 394
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 164,782评论 0 354
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 58,709评论 1 294
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 67,733评论 6 392
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 51,578评论 1 305
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 40,320评论 3 418
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 39,241评论 0 276
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 45,686评论 1 314
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 37,878评论 3 336
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 39,992评论 1 348
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 35,715评论 5 346
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 41,336评论 3 330
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 31,912评论 0 22
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 33,040评论 1 270
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 48,173评论 3 370
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 44,947评论 2 355

推荐阅读更多精彩内容