ཁྱི་དང་ཞི་མིའི་ལབ་གླེང་།
...... ས་ག་ཟླ་བར་སྦྱར་བའི་ལྡོག་བཤད་རྟོག་སྒྲུང་།
ཀྱེ..... ཨ་བོའུ་ནག་རྡོ།
ལུག་མཐའ་ན་སེམས་ངན་ཅི་གསོག་གིན་ཡོད།
ས་ག་ཟླ་བ།
ཤ་མ་ཟ་དཀར་ཟས་རོལ་ཟེར་ནས་དྲ་ལམ་ཁག་ན....
ད་བར་དུ་ཤ་མ་ཟས་བསམ་པ་མེད། གཞན་ལ་ཤ་མ་ཟ་ཟེར་ནས་སྐད་ཆ་བཤད་རྒྱུའི་འོས་བབ་ང་ལ་མེད། ......
" གཙོ་བོ་ཅི་བྱེད་རང་རང་གི་སེམས་ལ་རག་ལས།"
རང་གིས་ཤ་ཟ་ཞོར་གཞན་ལ་དཀར་ཟས་རོལ་དགོས་ཟེར་བ་དང། རང་གིས་སེམས་ངན་གསོག་ཞོར་གཞན་ལ་སེམས་བཟང་སྒྲུབས་དགོས་ཟེར་བ་སོགས་ཁ་ནས་མང་པོ་ཞིག་བཤད་བསྡད་ནས་ཅི་ཕན།
དེ་བས། ངས་ནི་ས་ག་ཟླ་བའི་རིང་ལ་དབེན་ས་བདེ་ས་ཞིག་ནས་ལུག་རྫི་བྱེད་ཀི་ཡིན། འདི་ནི་རང་གིས་སྒྲུབ་ཐུབ་པའི་བསམ་པ་ཡར་སེམས་ཙམ་ཡིན།
ཝ་ཡེ། ཞིམ་ཕྲུག་ཁ་མང་།
མི་ཐུབ་ནའང་གཞན་གྱིས་ཅི་བཤད་ལ་ཉན་ནས་ཨུ་ཚུགས་རྒྱག་པ་ལས། རང་གིས་སྒྲུབ་ཐུབ་པའི་བྱ་བཟང་དོན་བཟང་རེ་སྒྲུབས་དང་། དེ་བཟང་གི་རེད།
* འགར་ཚེ་རྒྱལ།