བློ་རིཊ་ལ་དཔྱད་པ་མི་ཕམ་བཞད་སྒྲ

བློ་ལྡན་བློ་ཡི་དགའ་ཚལ་ན།།

བློ་གྲོས་འབྱེད་པའི་དཔྱད་གཞི་ཙམ།།

བློ་མཆོག་མངའ་བའི་དྲང་སྲོང་མདུན།།

བློ་སྐྱེད་ཐོན་ཕྱིར་འབྲི་ལ་སྤྲོ།།

ཇི་སྐད་དུ།བློ་ཞེས་བྱ་བ་ཤེས་རབ་སྟེ།།བླང་དོར་མ་ནོར་འབྱེད་པ་ཡིན།།མིག་དང་འདྲ་བ་འདི་མེད་ན།།ཡོན་ཏན་གཞན་གྱི་གོ་སྐབས་འགག།

ཅེས་མཁས་པའི་གཙུག་རྒྱན་གྲུབ་པའི་ཁྱུ་མཆོག་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་ལེགས་གསུང་དྲི་མ་མེད་པའི་དགོངས་དོན་ཐུན་མིན་མ་ཡིན་པའི་སྒོ་ནས་ཕྱོགས་ཙམ་ཞིག་རྟོགས་པའི་སླད་དུ་བློ་རིགས་ཀྱི་རྣམ་བཞག་ཅུང་ཙམ་སྤྲོ་བར་འདོད་དོ།།དེ་ལ་དང་པོ་གཞན་འདོད་བཀོད་པའི་སྒོ་ནས་དེའི་ལུགས་དགག།རང་ལུགས་བཞག་པའི་སྒོ་ནས་ལུང་རིགས་བཀོད།།ས་ལུགས་འགལ་མེད་སྒོ་ནས་མཇུག་བསྡུའོ།།དེ་ཡང་དང་པོ་ག

ཞན་འདོད་འགོད་པ་དང་།དེ་དགག་པ་གཉིས་ལས་དང་པོ།ཚད་མ་སྔ་རབས་པ་ཁ་ཅིག་ན་རེ།བློ་ཡི་ངོ་བོའི་སྒོ་ནས་འབྱེད་བ་ལ།།མ་རྟོགས་ལོག་རྟོག་ཐེ་ཚོམ་རྣམ་གསུམ་དང་།།མངོན་སུམ་རྗེས་དཔག་ཡིད་དཔྱོད་བཅད་ཤེས་བཞི།།ཞེས་ངོ་བོའི་སྒོ་ནས་དབྱེ་བ་འདོད་པ་ལ་ས་པཎ་གྱིས་རིགས་གཏེར་ལས།ཡིད་དཔྱོད་སྣང་ལ་མ་ངེས་དང་།།བཅད་ཤེས་ལོག་ཤེས་ཐེ་ཚོམ་ལྔ།།དེའི་སྟེང་དུ་མངོན་སུམ་ཚད་མ་དང་རྗེས་དཔག་གཉིས་ཏེ་བློ་རིགས་བདུན་འདོད་ལ་དང་པོ་ཡིད་དཔྱོད་དགག་པ་ལ་སྔ་རབས་པ་དག་གིས་ཡིད་དཔྱོད་རང་གི་ངོ་བོ་དང་།དབྱེ་བ་རེ་རེའི་ནས་སྨྲས་པར་འདོད་དེ།རྟགས་ལ་མ་བརྟེན་པའི་ལྐོག་གྱུར་གྱི་དོན་བདེན་པ་གསར་དུ་ངེས་པའི་རིགས་པ་ཞེས་བརྗོད་པ་ལ།

གཉིས་པ།

གལ་ཏེ་རྒྱུ་མཚན་ཕྱིན་ལོག་དང་མ་ངེས་པའི་རྒྱུ་མཚན་ཅན་གྱི་ཡིད་དཔྱོད་གཉིས་པོ་དེ།  རྟགས་མ་གྲུབ་པ་ལ་སོགས་པའི་ལྟར་སྣང་གསུམ་དུ་མི་འདུ་ན།    ཡིད་དཔྱོད་སྐྱེས་པའི་རྟགས་ཞེས་པ་གཏན་ཚིགས་ལྟར་སྣང་བ་བཞི་བ་ཞིག་སྲིད་པར་འགྱུར་ལ།  ཡིད་དཔྱོད་དེས་དོན་བདེན་པ་གསར་དུ་ངེས་ཀྱང་ད་རུང་ཚན་མ་མིན་ན།  འོ་ན།    རྗེས་སུ་དཔག་པའང་ཚད་མ་མིན་པར་ཅི་ཕྱིར་མི་འགྱུར།    དོན་བདེན་པ་ངེས་པ་ཡོད་ཀྱང་དེས་སྒྲོ་འདོགས་མི་གཅོད་ན།    ངེས་སྒྲོ་འདོགས་གཉིས་པོ་ཕན་ཚུན་གནོད་བྱ་གནོད་བྱེད་མིན་པར་འགྱུར་ལ་འདོད་ན་གཞུང་དང་རིགས་པར་འགལ་ལོ།།  གལ་ཏེ་དོན་ངེས་པ་ནི་མེད་ཀྱང་ཁྲོན་པ་ན་ཆུ་ཡོད་དམ་སྙམ་པ་དོན་དུ་བདེན་པའི་ཡིད་དཔྱོད་དང་མེད་དམ་སྙམ་པ་བརྫུན་པ་ལོག་པའི་ཤེས་པ་དང་།    ཡོད་དམ་མེད་སྙམ་པ་སོམ་ཉིའི་བློ་གསུམ་ཡོད་པ་མི་འགལ་ཟེར་ན།  བདེན་པ་ངེས་པ་མེད་ན་ཡིད་དཔྱོད་ཉམས་ཏེ་ངེས་པ་དོན་མཐུནདེ་འདྲའིབློ་དེ་ཉིད་དུ་ཁས་བླངས་བས་སོ།  །ཡོད་དམ་མེད་སྙམ་པ་གཉིས་པོ་ཡིད་དཔྱོད་དང་ལོག་ཤེས་གཉིས་སུ་འགྱུར་ན་དེ་གཉིས་ལས་ལོགས་སུ་ཐེ་ཚོམ་རང་རྐྱ་བ་ཞིག་འཇོག་པར་དཀའོ།།  ཡང་ན་ཁྱོད་ཀྱིས་ལྐོག་གྱུར་དོན་མཐུན་དུ་ངེས་པ་བདེན་པའི་ཡིད་དཔྱོད་འདོད་པ་ལྟར།  དེ་ལས་ལྡོག་པ་རྫུན་པའི་ཡུལ་ཅན་ལོག་པའི་ཡིད་དཔྱོད་ཡིན་ནོ་ཞེས་སྨྲ་བར་ཡང་ཅིས་མི་འཐད།    དེ་ལྟར་འདོད་དོ་ཞེ་ན་ཡིད་དཔྱོད་ནི་དོན་མཐུན་བདེན་པ་ཡིན་ནོ་ཞེས་འདོད་པ་ཉམས་སོ།    །ལོག་པ་དེ་གཉིས་ཀར་དོགས་པས་ཡིད་དཔྱོད་མིན་ཟེར་ན་འོ་ན་སྔ་མའང་དཔྱད་ན་གཉིས་ཀར་དོགས་པས་ཡིད་དཔྱོད་མིན་པར་མཚུངས་སོ།    །གལ་ཏེ་ཕྱོགས་གཉིས་ཀར་དོགས་ནས་ད་རུང་ཐེ་ཚོམ་མ་ཆོད་ན་ནི་ཐེ་ཚོམ་འགྱུར་གྱི་ཡིད་དཔྱོད་དུ་མི་རུང་ལ།    གལ་ཏེ་ཐེ་ཚོམ་དུ་མི་འགྱུར་བར་དོན་མཐུན་ངེས་པ་དེ་ཡིད་དཔྱོད་ཡིན་པར་སྲིད་ན་དོན་མི་མཐུན་ཡང་ལོགས་སུ་འགྱུར་བས་ཡིད་དཔྱོད་སོགས་ལྔར་འདོད་པའི་གྲངས་ངེས་འཇིག་ལ།སྐྱོན་མེད་དེ་ཡིད་དཔྱོད་རྫུན་པ་ལོག་ཤེས་ཡིན་ཟེར་ན་འོ་ན་ཡིད་དཔྱོད་ཀྱང་བདེན་པ་ངེས་པ་ཡིན་པའི་ཚད་མ་ཉིད་དུ་འགྱུར་བར་མཚུངས་པའི་ཕྱིར་རོ།  གཉིས་པ་སོ་སོར་དགག་པ་ལ།    རྒྱུ་མཚན་མེད་པའི་ཡིད་དཔྱོད་དགག་པ།    རྒྱུ་མཚན་ཕྱིན་ཅི་ལོག་པའི་ཡིད་དཔྱོད་དགག་པ།    ལུང་ཆོས་ཡིད་དཔྱོད་དུ་འདོད་པ་དགག་པ་གསུམ།  དང་པོ།    གལ་ཏེ་ཁྲོན་པར་ཆུ་ཡོད་སྙམ་པ་སོགས་ཡོད་པའི་རྒྱུ་མཚན་མེད་པའམ་མ་བཟུང་བ་ཡི།  ཡིད་དཔྱོད་ཡུལ་དོན་མཐུན་དུ་ངེས་པའི་བདེན་པ་ཡིན་ན་རང་གི་འོག་ན་གཏེར་ཡོད་སྙམ་པ་སོགས་བློ་ཀུན་བདེན་པར་འགྱུར་ཏེ།རྒྱུ་མཚན་མེད་ཀྱང་བདེན་པར་ཁས་བླངས་བས་སོ།    །གཉིས་པ།  གལ་ཏེ་གཞལ་བྱས་མི་རྟག་པ་བསྒྲུབ་པ་སོགས་ཕྱིན་ཅི་ལོག་པའི་རྒྱུ་མཚན་ཅན་ཀུན་ཀྱང་ཁྱོད་ལྟར་ན་ཡིད་དཔྱོད་ཡིན་དགོས་ནའང་སློབ་དཔོན་གྱིས་རྟགས་མ་ངེས་པའི་བློ་དེ་དག་ཐེ་ཚོམ་དུ་བསྡུས་པས་ན་གཞུང་དང་འགལ་ལོ།    །གསུམ་པ། རང་དང་གཞན་གྱི་སྡེ་བའི་ལུང་ལས་རང་གི་བརྗོད་བྱ་རྟོགས་པའི་བློ་དེ་ནི་ཚད་མ་དང་མ་རྟོགས་ལོག་རྟོག་ཐེ་ཚོམ་སྟེ་བློ་རིགས་བཞི་པོ་གང་ཡང་རུང་བར་འདུས་པ་ཡིན་གྱི་ཡིད་དཔྱོད་དེ་དག་ལས་གཞན་ལོགས་སུ་བ་ཞིག་ཡོད་པ་མ་ཡིན་ནོ། །

དེ་འདྲ་བའི་ཡིད་དཔྱོད་དེ་ཆོས་ཅན།ཁྱོད་རིགས་པའི་ལམ་ནས་སྒྲུབ་ཏུ་མེད་པར་ཐལ།རྟགས་ལ་ལྟོས་ཞེས་བརྗོད་ན་མི་འཐད་པ་གང་ཞིག་རྟགས་ལ་མ་ལྟོས་ན་ཡང་ཁྱོད་མི་འཐད་པའི་ཕྱིར།དེ་འདྲ་བའི་ཡིད་དཔྱོད་དེ་ཆོས་ཅན།ཁྱོད་ཐོག་མར་རྟགས་ལ་ལྟོས་པའི་སྒོ་ནས་གཞག་མི་རིགས་ཏེ།རང་འགྲེལ་ལས།རྟགས་ལ་ལྟོས་ན་ཡང་དག་གམ།།ལྟར་སྣང་གསུམ་ལས་འདས་བ་མེད།།རྒྱུ་མཚན་གྱི་ཡིད་དཔྱོད་གཉིས།།ལྟར་སྣང་གསུམ་དུ་མི་འདུན།།གཏན་ཚིགས་ལྟར་སྣང་བཞི་བ་འགྱུར།།ཞེས་གསུངས་པ་བཞིན་དུ་གལ་ཏེ་ཡིད་དཔྱོད་རྟགས་ལ་ལྟོས་ན་བཞི་ལས་མི་འདའ་སྟེ།  ཆོས་ཅན་ལ་རྟགས་མ་གྲུབ་ན་མ་གྲུབ་པའི་རྟགས་ལྟར་སྣང་ངོ་།    །གྲུབ་ན་མཐུན་ཕྱོགས་ཁོ་ན་ལ་འཇུག་ན་ཡང་དག  །མི་མཐུན་ཕྱོགས་ཁོ་ན་ལ་འཇུག་ན་འགལ་བ།    གཉིས་ཀ་ལ་འཇུག་པའམ་མི་འཇུག་ན་མ་ངེས་པའོ།  །དཔེར་ན་ཁུང་ན་ཁྲོན་པ་ན་ཆུ་ཡོད་དེ་ཅིའི་ཕྱིར་ཞེས་དྲིས་པ་ན།  རྟགས་མི་འགོད་པར་ཡོད་དོ་ཞེས་དམ་བཅའ་རྐྱང་པ་ནི་ཐེ་ཚོམ་དུ་སྔར་བཤད་ཟིན་ལ།  རྒྱ་མཚོའི་ངོགས་ཡིན་པ་ལ་སོགས་པ་མ་གྲུབ་པ་བཀོད་ན་ཕྱོགས་ལ་མཐུ་མེད་པས་མ་རྟོགས་པ་ཉིད་ཡིན་པའི་ཕྱིར་ངེས་པ་མི་སྲིད་དོ།    །ཆུ་འདྲེན་པ་ལ་སོགས་པའི་རྟགས་ངེས་ན་ཡང་དག་གོ  །དུ་བ་ལ་སོགས་པ་བཀོད་ན་འགལ་བའོ།  །  སྔ་ཕྱིའི་ཆུ་ལེན་པ་ལ་སོགས་པ་བཀོད་ན་མ་ངེས་པའི་རྟགས་སམ་བློ་བཞིར་མ་འདུས་པའི་ལྐོག་གྱུར་རྟོགས་པའི་ཡིད་དཔྱོད་མི་སྲིད་དོ།།ཡིད་དཔྱོད་འགལ་མ་ངེས་མ་གྲུབ་གསུམ་ལ་བརྟེན་པའི་བློ་གསུམ་དུ་མི་འདུ་ན་ཡིད་དཔྱོད་སྐྱེད་པའི་རྟགས་ཞེས་བྱ་བ་ལྟར་སྣང་བཞི་པ་སྲིད་པར་འགྱུར་རོ།  །ཡིད་དཔྱོད་ལྟར་སྣང་མ་ཡིན་ན།  ཚད་མ་གསུམ་པ་སྲིད་པར་འགྱུར།  ལྟར་སྣང་གསུམ་ལ་བརྟེན་པའི་བློ་གསུམ་དུ་ནི་མི་འདུ་བ་འགྱུར་བའི་ཕྱིར་རོ།།

གཉིས་པ་སྣང་ལ་མ་ངེས་པ་དགག་པ་ནི།གལ་ཏེ་ཡུལ་མངོན་སུམ་དུ་སྣང་ལ་མ་ངེས་པ་ཉིད་ཀྱི་ཕྱིར་ཚད་མ་མིན་ན་མངོན་སུམ་ཀུན་ཀྱང་ཚད་མ་མིན་པར་འགྱུར་ཏེ།རྒྱུ་མཚན་ནི་རང་མཚན་མངོན་སུམ་ལ་ངེས་པ་ཉིད་ནི་གཞུང་ལས་བཀག་ཕྱིར་ཏེ་རང་མཚན་དེར་སྣང་བའི་སྟོབས་ཀྱིས་ཚད་མར་བཞག་གི་ངེས་པ་མིན་པར་འཆད་པར་འགྱུར་རོ།  །

གལ་ཏེ་སྣང་ལ་མ་ངེས་པ།།ཚད་མ་མིན་ན་མངོན་སུམ་ཀུན།།ཚད་མ་མིན་འགྱུར་མངོན་སུམ་ལ།།ངེས་པ་ཉིད་ནི་བཀག་ཕྱིར་རོ།།ཞེས་གསུངས་བ་བཞིན་དུ་སྣང་ལ་མ་ངེས་པ་ཚད་མ་མིན་ན་མངོན་སུམ་ཐམས་ཅད་པོ་ཚད་མ་མ་ཡིན་པ་ཉིད་དུ་འགྱུར་ཏེ།རིགས་གཏེར་རྩ་འགྲེལ་ལས།    གལ་ཏེ་སྣང་ལ་མ་ངེས་པ།  །མངོན་སུམ་ལ་མཚན་ཉིད་ཞུགས་པའི་ཕྱིར་དེ་ཚད་མ་མ་ཡིད་པར་འགྱུར་ཏེ།  རྣམ་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་ལས།  ད་ནི་ཇི་ལྟར་མ་ངེས་པ་མངོན་སུམ་གྱིས་ཀྱང་གཟུང་བ་ཡིན་ཞེ་ན།  མངོན་སུམ་ནི་གང་གིས་ཀྱང་ངེས་པར་བྱེད་པ་མ་ཡིན་ཏེ།  དེས་གང་ཞིག་འཛིན་པ་དེའང་ངེས་པས་ནི་མ་ཡིན་ནོ།  ། འོ་ན་ཅི་ཡིན་ཞེ་ན་དེར་སྣང་བས་སོ།  །དེས་ན་ངེས་པ་དང།མ་ངེས་པའི་དབང་གིས་མངོན་སུམ་གྱིས་འཛིན་པ་དང་མི་འཛིནཔ་དག་མ་ཡིན་ནོ།  །ངེས་པ་རྣམས་ཀྱིས་ནི་དེ་ལྟ་མ་ཡིན་ཏེ།  འགལ་ཞིག་ངེས་ཀྱང་གཞན་མ་ངེས་པས་འཇུག་པ་ཐ་དད་པས་འཛིན་པ་དང་མི་འཛིན་པ་ཡིན་ནོ།  །ཞེས་སོ། །འོ་ན་མ་ངེས་ན་མངོན་སུམ་ཚད་མར་ཇི་ལྟར་འགྱུར་ཞེ་ན།  འདི་ལ་འོག་ཏུ་བཤད་པར་བྱའོ།  །གཉིས་པ་བྱེ་བྲག་ཏུ་ཡུལ་རྣམ་པ་མི་གསལ་བའི་སྣང་ལ་མ་ངེས་པ་མི་འཐད་དེ།  རྫས་གཅིག་ལ་རྣམ་པ་གསལ་མི་གསལ་འགལ་བའི་ཕྱིར་རོ།  །འོ་ན་བུམ་པ་མཐོང་བའི་ཚེ་དེའི་སྐད་ཅིག་རྣམ་པ་མི་གསལ་བ་མ་ཡིན་ནམ་ཞེ་ན།  དེ་ནི་འཁྲུལ་པའི་རྒྱུ་མཚན་གྱིས་ཟིན་པས་མ་ངེས་པ་ཡིན་ཏེ།  རྣམ་འགྲེལ་ལས།  གཟུགས་ཆོས་མཐུན་པ་མཐོང་བ་ལས།  །ཉ་ཕྱིས་ལ་དངུལ་སྣང་བ་ལྟར།  ། གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས།  །ཡོན་ཏན་གཞན་སྦྱོར་མི་བྱེད་ན།  །ཞེས་གསུངས་པས་སོ།  །འོ་ན་མཐོང་ཡང་གསལ་བ་མེད་པའི་ཕྱིར་རོ་ཞེས་ཀྱང་བཤད་པ་མ་ཡིན་ནམ་ཞེ་ན།    དེ་ནི་ཡུལ་མི་གསལ་བས་མ་ཡིན་གྱི་འདྲ་བ་གཞན་འབྱུང་ལ་སོགས་པ་འཁྲུལ་པའི་རྒྱུ་མཚན་གྱི་སྒོ་ནས་བློས་གསལ་བར་འཛིན་མ་ནུས་པས་གཞན་སེལ་གྱི་སྒོ་ནས་ངེས་པར་བྱ་བ་ལ་དགོངས་པ་ཡིན་ནོ།  །དེས་ན་ཡུལ་མི་གསལ་བ་དང་བློས་གསལ་མི་ནུས་པ་གཉིས་འདྲེས་པར་མི་བྱའོ།།

གསུམ་པ་བཅད་ཤེས་དགག་པ་ནི།རིགས་གཏེར་ལས།    བཅད་ཤེས་རིགས་པས་མཐའ་བཅད་ན།  །  མ་རྟོགས་པ་དང་ལོག་རྟོག་དང་།  །ཡང་ན་ཚད་མ་ཉིད་འགྱུར་གྱི།    །དེ་ལས་གཞན་པའི་བློ་མི་སྲིད།།ཅེས་སོགས་གསུངས་པས་རིགས་པ་དང་མི་མཐུན་པ་དག་དགག་མོད།འོན་ཀྱང་ཐེ་ཚོམ་སོགས་རང་ལུགས་དང་ཧ་ཅང་མཐུན་ཞིང་ལུང་རིགས་དང་འགལ་བའང་མེད་པའི་ཕྱིར་ན་དགག་པ་ཡང་མ་བྱས་སོ།།

དེ་མི་འཐད་དེ།སྤྱིར་ཡིད་དཔྱོད་རྟགས་ལ་གཏན་ནས་མི་ལྟོས་པ་ཡིན་ན་ནི་དམ་བཅའ་ཙམ་ཡིན་གྱི་དེ་ལྟར་གྲུབ་མ་གྲུབ་ལ་བརྟགས་ན་ཐེ་ཚོམ་དུ་འགྱུར་ཏེ་ངེས་པ་མི་སྲིད་པས་ཐེ་ཚོམ་བག་ཉལ་ཡིན་ནོ།།  གལ་ཏེ་རྟགས་ལ་ལྟོས་ན་རྟགས་ཡང་དག་གམ།    ཡང་ན་རྟགས་ལྟར་སྣང་འགལ་མ་ངེས་མ་གྲུབ་གསུམ་པོ་གང་རུང་སྟེ་དེ་བཞི་ལས་འདའ་བ་མེད་དོ།། བཅད་ཤེས་དགག་པ་སྤྱི་དང་བྱེ་བྲག་ཏུ་དགག་དང་མངོན་སུམ་གཉིས་གཞི་མཐུན་དུ་འདོད་པ་དགག་པ་གཉིས་ལས་དང་པོ།བཅད་ཤེས་ཞེས་བྱ་བ་དེ་རིགས་པས་མཐའ་བཅད་ན།    རང་ཡུལ་ཚད་མས་བཅད་ཟིན་ཡིན་པའི་ཐེ་ཚོམ་མ་ཡིན་ལ།    དེ་ཡི་ལྷག་མ་མ་རྟོགས་པ་དང་ལོག་རྟོག་དང་།    ཡང་ན་ཚད་མ་ཉིད་དེ་གསུམ་པོ་གང་རུང་ཞིག་ཏུ་འགྱུར་དགོས་པ་ཡིན་གྱི།  གཞན་དུ་མི་འཐད་དེ།རྒྱུ་མཚན་བློ་རིགས་བཞི་པོ་དེ་ལས་གཞན་པའི་བློ་མི་སྲིད་པ་དེས་ན་ཚད་མའི་ཡུལ་དྲན་པ་ཙམ་ལས་རང་ལ་རྟོགས་བྱའི་ཡུལ་མེད་པའི་ཕྱིར་རོ།།  གཉིས་པ་ལ་མངོན་སུམ་དང་བཅད་ཤེས་འགལ་བའི་གཞི་མཐུན་མི་སྲིད་པས་དགག་པ་དང་།དབང་པོ་རིགས་ལ་ཚད་མ་ཡིན་པ་དགག  དེའི་དོན་བསྡུ་གསུམ་དང་པོ།    མངོན་སུམ་ནི་ངོ་བོ་རྟོག་བྲལ་ཡུལ་རང་མཚན་དུས་ད་ལྟ་བ།    འཛིན་སྟངས་གསལ་བ་མ་འདྲེས་པ་ཡིན་ལ།    བཅད་ཤེས་ནི་ངོ་བོ་རྟོག་པ།  ཡུལ་སྒྲ་དོན་དུས་འདས་པ་དྲན་པ་འཛིན །སྟངས་མི་གསལ་བ་འདྲེས་པ་འཛིན་པ་ཡིན་པའི་ཕྱིར་ན་དེ་ལྟ་བུའི་ཡུལ་དུས་འཛིན་སྟངས་འགལ་བ་ལ་མངོན་སུམ་ཡང་ཡིན་ལ་བཅད་ཤེས་ཀྱང་ཡིན་པའི་གཞི་མཐུན་པ་ནི་ག་ལ་སྲིད་དོ།།གཉིས་པ་ནི།

དབང་པོ་རིགས་པར་མི་འཐད་དེ།དབང་པོ་རང་ཉིད་བེམ་བོ་ཡིན་པའི་ཕྱིར་རོ།།གསུམ་པ་ནི་མདོར་མ་བློ་རིགས་བདུན་གྲངས་ཉིད་དུ་བཞག་ན་མི་འཐད་པ་བསྟན་པ་ཡིན་ནོ།།

གཉིས་པ་ཤེས་བྱེད་ཀྱི་བློ་ལ། 

མཚན་ཉིད།  དབྱེ་བསྡུ  དེ་དག་དོན་གཏན་ལ་འབབ་པ་གསུམ།  དང་པོ།  བློ་ཡི་མཚན་ཉིད་ནི་གསལ་ཞིང་རིག་པ་ཡིན་ལ།  གཉིས་པ་ཡུལ་སོགས་སྒོ་ནས་དུ་མར་འགྱུར་ཏེ་ཡུལ་གྱི་སྒོ་ནས་རང་སྤྱི་འཛིན་པའི་རྟོག་བཅས་རྟོག་མེད་མེད་གཉིས།  ངོ་བོའི་སྒོ་ནས་འཁྲུལ་མ་འཁྲུལ་སོགས་དབྱེ་སྒོ་མང་ཡང་ཡུལ་ཅན་གྱི་ཤེས་པའི་སྒོ་ནས་རང་རིག་གཅིག་པུའི་མཐར་འདུའོ།  །དེས་ན་རང་ལུགས་ཚད་མིན་གྱི་བློའི་མཚན་ཉིད་ཤེས་པ་གང་ལ་མི་བསླུ་བ་མ་གྲུབ་དེ་ནི་ཚད་མ་མིན་པ་ཡིན་ནོ།  །གཉིས་པ།  དེ་ལ་དབྱེ་ན་མ་རྟོགས་ལོག་རྟོག་ཐེ་ཚོམ་སྟེ།    ཚད་མའི་འགལ་ཟླ་ཚད་མིན་ལ་ནང་གསེས་དབྱེ་བ་རྣམ་པ་གསུམ་ཡོད་པ་དེ་ནི་ཚད་མིན་གྱི་བློ་ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་གྲངས་དེ་ལྟར་ངེས་པ་ཉིད་དུ་ཕྱེ་བ་ཡིན་ཏེ།བློའི་འཇུག་ཚུལ་མཐའ་དག་བཞི་ལས་གཞན་མི་སྲིད་ལ་གཅིག་ཚད་མ་ཡིན་ལ་ཚད་མིན་ལ་འཇུག་ཚུལ་གསུམ་ཐོབ་ཅིང་དེའི་གྲངས་ངེས་དང་གཏན་ཚིགས་ཀྱི་སྐྱོན་གསུམ་དང་རྣམ་གཅོད་གསུམ་དུ་གྲངས་ངེས་པ་སོགས་གནད་གཅིག་གོ    །ངོ་བོའི་སྒོ་ནས་བསྡུ་ན་ལོག་རྟོག་དང་ཐེ་ཚོམ་གཉིས་ཀྱང་མ་རྟོགས་པ་ཡིན་པས་མ་རྟོགས་པ་དེ་གཅིག་པུར་འདུའོ།    །  མ་རྟོགས།  ལོག་རྟོག  ཐེ་ཚོམ་གསུམ།    དང་པོ་ལ་མཚན་ཉིད།  དབྱེ་བ་གཉིས།  དང་པོ།  དེ་ཡང་ཡུལ་དངོས་དེ་དང་དེ་མིན་ཕྱིན་ལོག་ཏུ་འཛིན་པ་གཉིས་ཀྱིས་སྟོང་པས་ཚད་མ་དང་ལོག་རྟོག་ཆོད་ལ་དེ་གཉིས་བསྡོམས་པའི་ཤུགས་ལ་ཐེ་ཚོམ་ཆོད་པས་ན་བློ་དེ་འདྲ་བ་མ་རྟོགས་པ་ཡིན་ནོ།  ། གཉིས་པ།  དེ་ལ་དབྱེ་ན་གསུམ།  ཡུལ་དེ་ལ་བློ་གཏན་མ་ཞུགས་པ་དང་ཞུགས་ཀྱང་ཚོལ་བའི་བྱ་བ་མ་རྫོགས་པ་དང་།    ཚོལ་བའི་བྱ་བ་དཔྱད་པ་རྫོགས་པར་གྱུར་ཀྱང་བློའི་ཡུལ་དུ་མ་བྱུང་ནས་མ་རྙེད་པའོ།  །གཉིས་པ་ལ་མཚན་ཉིད་དབྱེ་བ་གཉིས།  དང་པོ།  ཡུལ་དེ་ཉིད་དུ་འཛིན་པ་ལ་དེ་མིན་པའི་ཚད་མ་གཞན་གྱིས་གནོད་པ་ཡོད་པ་ནི་ལོག་ཤེས་ཡིན་ནོ།  །གཉིས་པ།  དེ་ལ་དབྱེ་བ་གཉིས་ཡོད་དེ།  ལོག་ཤེས་ཡིད་གཉིད་ཀྱིས་བསླད་པ་ལྟ་བུ་དང་ནི་རྟོག་མེད་དབང་ཤེས་འཁྲུལ་བ་ཟླ་བ་གཉིས་ལྟ་བུ་དེ་གཉིས་ཡོད་ཅིང་དེ་ལའང་སོ་སོར་ཕྱེ་ན་རྟོག་མེད་ལ་དབང་ཡིད་འཁྲུལ་བ་གཉིས།  རྟོག་པ་ལ་ཡུལ་དུས་རྣམ་པ་འཁྲུལ་བ་གསུམ་སྟེ་རྣམ་པ་ལྔ་ཡོད་དོ།  ། གསུམ་པ་ལ་མཚན་ཉིད།  དབྱེ་བ་གཉིས།  དང་པོ།  ཡུལ་དེ་ཡིན་པར་འཛིན་ན་ཡང་དེའི་བྱེད་པ་མ་ཉམས་བཞིན་དུ་དེ་མིན་དུ་འཛིན་པའི་འཛིན་སྟངས་ཀྱང་དེ་ལ་སྲིད་ཅིང་ཡོད་རུང་བའི་བློ་དེ་ཡིན་ནོ།  ། གཉིས་པ།    དབྱེ་ན་གཉིས་ཡོད་དེ།ཐེ་ཚོམ་དངོས་སུ་ཞུགས་པ་མངོན་དུ་གྱུར་པ་དང་དངོས་སུ་ཐེ་ཚོམ་མ་ཞུགས་ཀྱངབརྟག་ན་ཐེ་ཚོམ་པ་བག་ལ་ཉལ་གཉིས་ཡོད་ལ།    མངོན་གྱུར་ལའང་སྒྲ་རྟག་གམ་མི་རྟག་ལྟ་བུ་ཕྱོགས་གཉིས་པོ་ཆ་མཉམ་པ་དང་ཕྱོགས་རེ་རེ་བ་ཤས་ཆེར་འཛིན་པ་དོན་འགྱུར་དང་དོན་མི་འགྱིར་གཉིས་ཡོད་དོ།  ། གསུམ་ས་ལུགས་དང་འགལ་བ་མེད་ཚུལ་མདོར་བསྡུ་ན་ཚད་མའི་ཤེས་པ་མངོན་རྗེས་གཉིས་པོ་ཡང་།    དོན་དུ་ཡུལ་ཅན་རང་རིག་ཚད་མ་ཁོ་ནར་འདུས་ཤིང་ཚད་མ་མིན་པ་གསུམ་པོ་ཡང་མ་རྟོགས་པ་ལས་དོན་གཞན་མིན་པར་ཞེས་པར་བྱ་དགོས་སོ།།་མ་ཟད་ངེད་ཅག་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་པའི་ཀུན་མཁྱེན་མི་ཕམ་རིན་པོ་ཆེས།མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས།ཡུལ་ཅན་བློ་ཡི་དབྱེ་བ་ལ།  །སྣང་ལ་མ་ངེས་ཡིད་དཔྱོད་དང་།།  མ་རྟོགས་ལོག་རྟོག་ཐེ་ཚོམ་དང་།    །མངོས་སུམ་རྗེས་དཔག་ཚད་མ་གཉིས།།  བཅད་ཤེས་དང་ནི་བདུན་དུ་དབྱེ།  །བློ་ཀུན་མ་རྟོགས་ལོག་རྟོག་དང་།  །ཐེ་ཚོམ་ཡང་དག་རྟོགས་བཞིར་འདུ།།ཞེས་དང་དེའི་རྩ་བ་ལས།ཡང་ཡུལ་ཅན་བློ་ལ་རིགས་བཞི་སྟེ།  མ་རྟོག།    ལོག་རྟོགས།  ཐེ་ཚོམ།    ཡང་དག་པར་རྟོགས་པའོ།  །མ་རྟོགས་པའི་བྱེ་བྲག་ལ་མངོན་སུམ་སྣང་ལ་མ་ངེས་པ་དང་།    རྗེས་དཔག་ཚད་མ་ལ་བརྟེན་པའི་ཡིད་དཔྱོད་གཉིས་ནི།    ཡིད་ཤེས་ལ་ངེས་པ་འདྲེན་མི་ནུས་པའི་ཆ་ནས་བཞག་པའོ།  །

ལོག་རྟོག་ནི་ཕྱིན་ཅི་ལོག་ཏུ་འཛིན་པའོ།  །ཐེ་ཚོམ་ནི་བློ་རྩེ་གཉིས་སུ་འཇུག་པ་ཕྱོགས་མ་ཆོད་པའོ།  །ཡང་དག་པར་རྟོགས་པ་ལ་རྒྱུ་མངོན་སུམ་ཚད་མ་དང་།    རྗེས་དཔག་ཚད་མ་གཉིས་སོ།    །དེ་གཉིས་ཀྱི་འབྲས་བུ་བཅད་ཤེས་ཏེ་ངེས་ཤེས་སོ།  །ཞེས་གསུངས་བ་བཞིན་དུ་འཇམ་མགོན་ས་སྐྱ་པཎ་གྱིས་ཀྱང་བློ་རིགས་ལ་བདུན་དུ་འདོད་པར་སེམས་སོ།།འོ་ན་ཅིའི་ཕྱིར་འོག་ནས་ཡིད་དཔྱོད་དང་སྣང་ལ་མ་ངེས་པ་བཅད་སོགས་དགག་པར་མཛད་ཅེ་ན།དེ་དག་ནི་སྔ་རབས་པ་ལྟར་དུ་འདོད་དེ།གྲངས་ངེས་དང་ངོ་བོ་སོགས་འཇོག་པ་ལ་འཐད་པར་མི་འགྲུབ་ཅེས་བརྗོད་པ་ཡིན་གྱི།སྤྱིར་བློ་རིགས་བདུན་ཡེ་ནས་མི་འདོད་ཅེས་དགག་པ་ག་ལ་ཡིན་ཏེ།སྤྱིར་བློ་རིགས་བདུན་ཡོད་པ་རིགས་པའི་གཞུང་ལུགས་ལས་རྟོགས་པ་ཡོད་བཞིན་མེད་དོ་ཞེས་ཅིའི་ཕྱིར་བརྗོད་དེ་མི་བརྗོད་དོ།།

      སླར་སྨྲས་པ།

དེ་ལྟར་ལེགས་བྱས་སྤྲིན་ཚོགས་བསོད་ནམས་ཀྱི་ཕུང་བོ།།

ལུས་ཅན་སྡུག་བསྔལ་སེལ་བའི་བདུད་རྩི་ཉིད་གྱུར་ཏེ།།

ཡངས་བའི་རྒྱལ་ཁམས་ཀུན་གྱིས་དགའ་བདེ་ལ་རོལ་བཞིན།།

རྣམ་གྲོལ་རྒྱལ་ས་ཟིན་ཕྱིར་དགེ་ཚོགས་འདི་བསྔོའོ།།

ཞེས་དཔལ་སྔ་འགྱུར་ཨ་རིག་ཆོས་གྲྭའི་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་གི་ལོ་ཁོར་མོ་ཡུག་གི་རྒྱུགས་སྤྲོད་ཀྱི་ཆེད་དུ་རྨ་ཡུལ་དཀོན་མཆོག་བཀྲ་ཤིས་གུས་ཕུལ།

©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 211,123评论 6 490
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 90,031评论 2 384
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 156,723评论 0 345
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 56,357评论 1 283
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 65,412评论 5 384
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 49,760评论 1 289
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 38,904评论 3 405
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 37,672评论 0 266
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 44,118评论 1 303
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 36,456评论 2 325
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 38,599评论 1 340
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 34,264评论 4 328
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 39,857评论 3 312
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 30,731评论 0 21
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 31,956评论 1 264
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 46,286评论 2 360
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 43,465评论 2 348

推荐阅读更多精彩内容