ཤེས་རིག་མེ་ཏོག་བཀྲ་བའི་སློབ་གླིང་དུ།
དྲིན་ཅན་ཕ་མའི་མངགས་པའི་ཕོ་ཉའི་ཚུལ།
སློབ་མའི་མིང་ཞིག་ཁྱེར་ནས་གནས་ན་ཡང་།
དོན་མཐུན་ཚད་ལྡན་སློབ་མ་ཅིས་ཀྱང་མིན།
མ་དག་རྨོངས་པའི་ལམ་དུ་འགྲིམས་འགྲིམས་ནས།
མ་འོངས་ཀྱག་ཀྱོག་མི་ཚེའི་ལམ་འཕྲང་སྟེང།
ཆད་མེད་ཤར་དུ་བཞུར་བའི་ཆོད་སེམས་ཡོད།
དུས་ད་ལྟ་གང་དགའ་གང་སྐྱིད་ཡིན།
དྲིན་ཕ་མའི་སྙིང་གི་གཅེས་ཕྲུག་ཡིན།
སེམས་སྐྱིད་པོ་དབྱར་ཀྱི་མེ་ཏོག་ཡིན།
བསམ་ཤེས་ན་ཕ་མའི་དཀའ་དྲིན་རེད།
དྲིན་ཕ་མ་སྐུ་ཚེ་བསྟན་པ་ཤོག།