ཨ་ཁུ་དང་ཨ་ནེ་ཡི་ཕྲག་དོགཕྲག་དོག་མེ་ལྕེ་འབར་འབར།ཨ་ཞང་དང་སྲུ་མོ་ཡི་མིག་ལོགམིག་ལོག་གློག་དམར་འཁྱུག་འཁྱུགད་དུང་། ཉེ་རིང་ལྐོག་གི་ཆགས་སྡང་།ནང་མི་ངོས་ཀྱི་ཚིག་ངན།མ་ཟད། གཞན་གྱི་སྡིགས་མོ་དང་ཁྲེལ་དགོད།འོན་ཀྱང་། ཁྱེད་ཀྱི་ཡིད་སྐྱོ་བའི་སྡུག་བསྔལ། སེམས་སྡུག་པའི་འཁང་ར། བློ་ཕམ་པའི་མིག་ཆུ་རྣམས། བློ་རྒྱུ་མའི་ཁོང་དུ་འབས་ནས།དབྱར་ཁ་རེ་རེར།ཚ་སྡུག་གི་རྔུལ་ཆུ་ཁྲོད།རི་དྭགས་བཞིན་འཁྱམས་ལ།དགུན་ཁ་རེ་རེར།གངས་དང་ཐལ་རླུང་ཁྲོད།ཉིན་མོ་མི་དང་མཚན་མོ་ཁྱི་བཞིན་འབད།དེ་ལྟར་ལོ་དང་ཟླ་བ། ཞག་དང་ཉི་མ།མི་ལོ་བཞི་བཅུ་རིང་། ཁྱེད་ཀྱིས་ཁྱིམ་ཚང་འདིའི་ཆེད།མིང་སྲིང་གསུམ་གྱི་ཆེད།ཡང་སྒོས་བུ་རུལ་ང་ཡི་ཆེད།དཔྱིད་གསུམ་གྱི་ལྷག་པ།གདོང་གི་བསུས་ཏེ།བཞིན་ལ་གཉེར་མ་ཇེ་མང་།སྟོན་གསུམ་གྱི་སད།མགོ་བོ་ཡི་བསུས་ཏེ།མགོ་བོ་སྐྲ་ལོ་ཇེ་དཀར།ཨ་མ་ལགས།ཁྱེད་ཀྱི་སྤྱི་བོའི་སྟེང་གི་སྐྲ་དཀར།ཐོད་པའི་སྟེང་གི་གཉེར་མ།ད་དུང་། ར་འཁྱོར་གྱི་གོམ་བགྲོས་ལས།འབྲི་བཞིན་པའི་གཏམ་རྒྱུད་རིང་མོ་དེ།ངའི་ཡིད་ལ་བརྟན་པོར་ངེས་ཤིང་ལྷང་ངེར་ཤར།ཨ་མ་ལགས། ཁྱེད་རྒས་འདུགརེད་ལགས། བྲེལ་འཚུབ་ཀྱི་གོམ་སྒྲཙག་ཙིག་གི་ལས་དོན།མ་ཟད།
ང་ཚོ་འཚར་ལོངས་ལ་མགོ་གཡེངས་ཏེ།
ཁྱེད་ཉིད་ཉིན་བཞིན་རྒས་འགྲོ་བ་བརྗེད་པ་རེད།ངའི་སྙིང་ཉེ་བའི་ཨ་མ་ལགས། ཁྱེད་ངེས་པར་བདེ་ཐང་ཡིན་དགོས།འདི་ནི་ངའི་བདེ་སྐྱིད་ཀྱི་འབྱུང་རྩ་ཡང་ཡིན།ལོ་ཟླ་ལགས།ཁྱོད་དལ་དལ་ལྷོད་ལྷོད་ངང་བཞུར་རོགས།འདི་ནི་ངའི་རེ་བ་ཉག་གཅིག་གོ