སྐྱེས་སྐར
དོ་ནུབ་ཁྱེད་ཀྱི་སྐྱེས་སྐར་ཡིན་ཟེར
ནུབ་ཀྱི་སྤྲི་གོར་མཆོད་མེའི་འོད་ཀྱིས་སྤྲས་ཏེ
མཆེད་གྲོགས་ཀུན་གྱིས་ཁ་གཡང་མཆོད་ཀྱིན
ཚེ་བསོད་རླུང་རྟ་རྒྱས་ཤིང་བདེ་སྐྱིད་རྟག་བརྟན་ཡོང་སྨོན་ལམ་བརྒྱབ་ཟེར
སྐར་འཕྲིན་ནང་དུ་ཁ་གཡང་དང་ཁུག་དམར་ཞོགས་འོངས་ཟེར
པོད་འཕྲིན་དང་ཁྱེའུ་འཕྲིན་ལས་ཀྱང་དེ་ལས་མ་འདས་ཟེར
འོན་ཀྱང་སྙན་ངག་ཚན་པ་གཅིག་གི་ལེགས་སྐྱེས
ཐེ་ཚོམ་ཡང་ཡང་སྐྱེ་བཞིན་དུ་ཕྱིར་ལ་ཆས་སོང་སྐད
སྙན་ངག་པས་སྙན་ངག་དེ་དག་བཅོས་ཡང་ཡང་བྱས་རྗེས
རང་གི་སྲོག་ལས་གཅེས་པའི་སྙན་ངག་དེ
ཁྱེད་ལ་ལེགས་སྐྱེས་སུ་རྫོང་བསམ་ཀྱང
སྐད་ཆ་ཐམས་ཅད་སྨྲས་པའི་རྗེས་ལ
རླུང་གིས་གང་སར་ཁུར་འགྲོ་བར་གཞི་བཅོལ་ནས
སླར་ཡང་ཐ་མག་འཐེན་ཞོར
མེ་ལྕེའི་ཟས་སུ་བསྩལ
འཚིག་ནས་ཁ་བྱང་ཁོ་ན་ལྷག་རྗེས
ནམ་ལངས་ན་ཡང་ཁ་བ་འབབ་ཀྱིན་འདུག་ཟེར