《ཧྲིན་ཧྲིན་མན། འཚོལ་འཚོལ། སྙེག་སྙེག》
སུང་རྒྱལ་རབས( ལི་ཆིན་ཀྲོ།)
---གཙོས་ཤེས་རབ་རྒྱ་མཚོས་བསྒྱུར།
འཚོལ་འཚོལ། སྙེག་སྙེག
གྲང་གྲང་། ཤུར་ཤུར།
སྐྱོ་སྐྱོ། ལྷང་ལྷང་།
ལན་རེར་དྲོ་ཞིང་ལན་རེར་གྲང་།
ངལ་གསོའི་གོ་སྐབས་ཕྲ།
ཆང་ཕོར་གཉིས་གསུམ་གྱི་ཆང་སིང་གིས།
ས་སྲོད་ཀྱི་རླུང་འཚུབ་ཇི་ལྟར་བཟློག །
ལྷོ་བགྲོད་ཀྱི་ཁྲུང་ཁྲུང་བཞུད་ཟིན།
སྐྱོ་བ་ནི་རིང་ནས་འདྲིས་པའི་མཛའ་བཤེས་ཏེ།
ས་ཆེན་པོར་ལུག་མིག་མེ་ཏོག་གིས་གཡོགས།
རྙིད་ཉམས་ཆོད་པས། ད་ལྟ་སུ་ཡིས་རྒྱན་དུ་བསྲེལ།
སྒེའུ་ཁུང་ནས། ཧྲེང་ཧྲེང་དུ་མུན་སྲོད་ཀྱི་མཚན་སྨག་ལ་ཅི་ལྟར་སྒུག
ཝུའུ་ཐང་ཤིང་གིས་སྔར་ལས་སྦྲང་ཆར་བྲུལ།
ས་སྲོད་དུ།
ཟགས་ཟགས། ཐིགས་ཐིགས།
སྣང་ཚུལ་འདི་ནི།
སྐྱོ་ཡིག་ཅིག་གིས་ག་ལ་རྫོགས།
2016/7/22
寻寻觅觅,冷冷清清,
凄凄惨惨戚戚。
乍暖还寒时候,最难将息。
三杯两盏淡酒,
怎敌他、晚来风急!
雁过也,正伤心,
却是旧时相识。
满地黄花堆积,憔悴损,
如今有谁堪摘?
守着窗儿,独自怎生得黑!
梧桐更兼细雨,
到黄昏、点点滴滴。
这次第,怎一个愁字了得!