མི་ཐམས་ཅད་ཁྱོད་ལ་དགའ་མི་སྲིད།
ལ་ལ་ཁྱོད་ལ་ཡིད་སྨོན་ཤོར་ཞིང་།
ལ་ལ་ཁྱོད་ལ་སུན་སྣང་སྐྱེས།
ཡང་ ལ་ལས་ཁྱོད་ལ་ཕྲག་དོག་བྱེད་ཅིང་།
ལ་ལས་ཁྱོད་ལ་མཐོང་ཆུང་བྱེད།
འཚོ་བ་ནི་འདི་འདྲ་ཞིག་སྟེ།
ལས་དོན་ཐམས་ཅད་འགྲུབ་ཅིང་མི་ཐམས་མགུ་བཀང་བ་ཞིག་ཡོང་མི་སྲིད་པས།
གཞན་གྱི་ངོ་སྲུང་གི་ཆེད་དུ་རང་ཉིད་ཀྱི་མི་གཞི་འཕྲོ་བརླག་ཏུ་མ་གཏོང་།
རྒྱུ་མཚན་མི་ཐམས་ཅད་ལ་རང་ཉིད་རང་གི་མགོན་བྱེད་པའི་གཞི་རྩ་ཡོད་པས་སོ།།
མི་ཁ་ན་གླེང་བཞིན་པ་དེ་ཁྱོད་རང་དངོས་མ་བ་དེ་མ་རེད།
མིག་འདྲ་འདྲ་ཡིན་ཡང་ལྟ་ཚུལ་མི་མཉམ།
ཁ་འདྲ་འདྲ་ཡིན་ཡང་བཤད་ཚུལ་མི་མཐུན།
སེམས་འདྲ་འདྲ་ཡིན་ཡང་དྲན་ཚུལ་མི་མཚུངས།
སྒོར་འདྲ་འདྲ་ཡིན་ཡང་སྤྱོད་སྟངས་མི་གཅིག
མྱི་འདྲ་འདྲ་ཡིན་ཡང་འཚོ་སྟངས་མི་འདྲ།
རི་ལ་རི་ཡི་མཐོ་ཚད་དང་
ཆུ་ལ་ཆུ་ཡི་ཟབ་ཚད་ཡོད་པ་བཞིན་
ཕན་ཚུན་ལ་བསྡུར་དགོས་དོན་ཅི་ཡང་མེད་དེ་
སོ་སོ་ལ་སོ་སོའི་ཡོན་ཏན་ནམ་ཁྱད་ཆོས་ཡོད་པས་སོ།།
རླུང་ལ་རླུང་གི་རང་དབང་དང་
སྤྲིན་ལ་སྤྲིན་གྱི་འཁོར་ཕྱོགས་ཡོད་པ་བཞིན་
ཕན་ཚུན་ལ་ལད་ཟློས་བྱེད་དགོས་དོན་ཅི་ཡང་མེད་དེ་
སོ་སོ་ལ་སོ་སོའི་རང་གཤིས་ཡོད་པས་སོ།།
你人再好有什么用
达雅。译
不是每个人都会喜欢你,
有人羡慕你,也有人讨厌你,
有人嫉妒你,也有人看不起你。
生活就是这样,
你所做的一切不能让每个人都满意,
不要为了讨好别人而丢失自己的本性,因为每个人都有原则和自尊!
别人嘴里的你,不是真实的你。
一样的眼睛,不一样的看法。
一样的嘴巴,不一样的说法。
一样的心,不一样的想法。
一样的钱,不一样的花法。
一样的人们,不一样的活法!
山有山的高度,
水有水的深度,
没必要攀比,
每个人都有自己的长处;
风有风的自由,
云有云的温柔,
没必要模仿,
每个人都有自己的个性
ཡག་པོ་འདུག