དམར་ཁ་ཚ།
ངའི་སེམས་ཀྱི་དབུས་སར་ལྷུང་བའི།།
ངའི་སྙིང་སྡུག་ཡིད་ཀྱི་དྲན་ཤིང་།།
ངའི་གྲོགས་ཀྱི་གྲོགས་མོ་དགའ་བོ།།
ངའི་སྤུན་ཡ་ཚེ་འདིའི་ཆ་ཤས།།
ལས་སྔོན་བསགས་ཞིག་ལ་སྒོམ་ནས།།
ཁྱོའི་རང་གི་གཟུགས་པོ་གཅེས་དགོས།།
སོས་མི་དལ་ལས་འདིར་ཞུགས་ན།།
ཚེགས་ཆེ་བ་འཇིག་རྟེན་ཆོས་ཉིད།།
གཏམ་སྙན་མོའི་ཁུ་བྱུག་སྐད་མིན།།
ཐན་ལྟས་ངན་ཁྭ་ཏ་སྐྱག་ཁ།།
གོ་མ་འདོད་རྣ་བ་བསུམ་ཡང་།།
གོ་ལོས་དགོས་དངོས་ཡོད་ཉག་གཅིག།
སེམས་ལ་ལུང་རི་ལུང་སྡུག་ཅིང་།།
སྙིང་གནམ་ངོ་ས་ངོ་ངུས་ཀྱང་།།
དོན་ཐན་པའི་དངོས་མ་འདི་དག།
སེམས་སྨྲེང་ཞོར་མ་བཤད་ཐབས་མེད།།
འདང་ཕོག་དགོས་ཟླ་ལོ་ཟླ་ཁོ།།
དོན་མེད་པའི་བྱ་བ་མ་དྲན།།
ཁྱོད་མ་སྐྱོ་ཉིན་འགའ་སྒུག་དང་།།
ང་མི་འགྱང་མྱུར་དུ་ཐོན་ཡོང་།།
2016/04/02